Wednesday, June 11, 2014

Khenpo Tsultrim Jamtsho Rinpoche's teaching on Milarepa's Doha

༄༅། །མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོས་རྗེ་བཙུན་མི་ལ་རས་པའི་གསུང་མགུར་དང་འབྲེལ་ཏེ་ཟབ་རྒྱས་སུ་བསྩལ་བའི་གསུང་ཆོས་སྒྲ་འཛིན་འཁོར་ལོ་ནས་ཡི་གེར་ཕབ་པ་བཞུགས་སོ། །

མཇུག་བྱང༌། ད་ལམ་སྤྱི་ལོ་༡༩༩༣་བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་བྱ་ལོར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་སི་པཱན་གྱི་ཡུལ་གྲུར་རིས་མེད་མཁས་གྲུབ་དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས་མཆོག་དཔལ་དྭགས་ཤངས་བཀའ་བརྒྱུད་ཀྱི་ཆོས་སྡེར་དད་ལྡན་གྱི་ཕོ་མོ་བཅུ་ཕྲག་ལྔ་ལྷག་ཚོགས་པའི་དབུས་དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོས་ཐེག་པ་ཆེན་པོ་སེམས་ཙམ་དང༌། རང་སྟོང་སོགས་དབུ་མའི་ལྟ་གྲུབ་ཟབ་མོ་ནས་བརྩམ་རྗེ་བཙུན་མི་ལ་རས་པའི་གསུང་མགུར་དང་འབྲེལ་བའི་གདམས་ཟབ་དགོངས་པའི་ཀློང་ནས་རྡོལ་བའི་གསུང་རྒྱས་སྤྲོས་སུ་བསྩལ་བ་རྣམས་བརྗེད་དུ་ཕངས་ནས་སྒྲ་འཛིན་འཁོར་ལོ་ལས། ཀུན་རྨོངས་སངས་རྒྱས་བསྟན་འཛིན་པས་ཡིད་དགའ་གུས་ཆེན་པོའི་ངང་ནས་ཕབ་ཞུས་ཐེངས་དང་པོ་བསྒྲུབས་འཕྲལ་སྤྱན་བསྟར་ཞུས་པས་ལེགས་སོའི་དབུགས་དབྱུང་དང་བཅས་ཞལ་སློབ་རྣམས་ལ་ཕན་ངེས་སུ་འདུག་པས་འདྲ་ཞིག་དགོས་ཞེས་བཀའ་གནང་འཕྲལ་དཔར་ཏེ་ཕུལ་ཞིང༌། རང་གིས་ཀྱང་ལན་མང་མཇལ་བཞིན་ཕྱོགས་སྒྲིག་གཉིས་པའི་སྐབས་རྗེ་མི་ལ་རས་པའི་གསུང་མགུར་རྩ་འགྲེལ་ཟབ་མོའི་ཆོས་ཚན་ཁག་སྟབས་ཅིག་ཏུ་བཞུགས་སུ་གསོལ་བ་འདིར་སྙན་ཐབས་མ་དག་པ་སོགས་རང་ནོངས་འགལ་འདུ་ཅི་མཆི་གཟུར་གནས་མཁས་པས་དག་བཅོས་ཀྱི་དགོངས་འཆར་ལྷུག་སྩོལ་ཡོང་བར་སྙིང་ནས་གསོལ་འདེབས་དང༌། འདི་ལྟར་བགྱིས་པའི་རྣམ་དཀར་གྱི་དགེ་བས་རང་གཞན་སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མའི་གསང་བ་གསུམ་དང་གཉིས་སུ་མེད་པའི་གོ་འཕང་མངོན་དུ་སད་པའི་རྒྱུར་གྱུར་ཅིག །དགེའོ།། །།


http://www.dharmadownload.net/pages/english/Texts/texts_0114.htm