Tuesday, May 13, 2014

གཏེར་གསར་རྫོགས་ཆེན་གྱི་ཁྲིད་རིམ་མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ་

http://www.dharmadownload.net/pages/english/Texts/texts_0112.htm


༄༅། །རྗེ་བཙུན་མི་ལ་རས་པའི་རྣམ་འཕྲུལ་སྐུ་ཚེ་གཅིག་གིས་ཟུང་འཇུག་གྲུབ་པ་ཆེན་པོའི་གོ་འཕང་བརྙེས་ཤིང་མདོ་སྨད་རེབ་ཀོང་དུ་སྐུ་འཁྲུངས་པའི་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཐུན་མོང་མ་ཡིན་པའི་རིགས་ཀྱི་བདག་པོ་ཆོས་རྒྱལ་ངག་གི་དབང་པོའི་དགོངས་གཏེར་རྟ་ཕག་གི་དབང་རྒྱུན་དང་རྫོགས་རིམ་ཟབ་ཁྲིད་རྒྱུན་ཤིན་ཏུ་དཀོན་པ། འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་མདོ་སྔགས་བསྟན་འཛིན་མཆོག་གི་ཞལ་ནས། བདག་གི་སྐལ་བཟང་དུ་ཐོབ་པས་ཟབ་མོའི་ལམ་གྱི་རྒྱུན་མི་ཉམས་པའི་ཕྱིར། ཞབས་དཀར་རྡོ་རྗེ་འཆང་རང་གི་ཕྱག་བྲིས་དངོས་ལས་འཕྲུལ་པར་དུ་གསར་བསྐྲུན་ཞུས་པ་ཡིན་པས་ཆོས་རྗེས་འབྲང་བ་རྣམས་ཀྱིས་དད་སྤྲོ་སྐྱེད་པར་ཞུ་ཞེས་ཁམས་སུ་སྐྱེས་པའི་མི་རྒན་དིལ་མགོ་མཁྱེན་བརྩེར་གྲགས་པས་ལོ་རྒྱུས་སྙན་སྒྲོན་ཞུས་པ་ཟབ་དོན་ཕྲིན་ལས་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག། །།